གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕམ་ཚུ་ ལོ་ན་རྒསཔ་ད་ བདག་འཛིན་འཐབ་དགོཔ་ཨིནམ།

༢༥/༧/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་མི་མང་སྐྱེལ་འདྲེན་བཱསི་ བཞག་སའི་ས་ཁོངས་ ལུང་བསྟན་ཟམ་པ་ལུ་ མོང་སྒར་ལས་ཨིན་མི་ སྐྱེས་ལོ་༧༦ ལང་མི་ ཨ་རྒས་སངས་རྒྱས་ཕུན་ཚོགས་ཁོ་ར་ ག་ཏེ་འགྱོ་ནི་ཨིན་ན་ ཐག་བཅད་མ་ཚུགས་པར་ སྡོད་ཡོདཔ་ཨིན་པས།
ལུང་བསྟན་ཟམ་པ་ལུ་ འགྲུལ་སྐྱེལ་བཱསི་གི་ ཤོག་འཛིན་བཏོག་པར་འོང་མི་ ཨ་རྒས་སངས་རྒྱས་ཕུན་ཚོགས།


ཨ་རྒས་སངས་རྒྱས་ཕུན་ཚོགས་ཀྱིས་ ཤར་ཕྱོགས་པའི་ ཁ་ནང་ལས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ ཁ་ཙ་ཐིམ་ཕུ་ལུ་ མ་འོང་པའི་ཧེ་མར་ སྤ་རོ་ལུ་ ཁོ་རའི་ བུ་དང་གནས་ཚང་གཅིག་ཁར་ སྡོད་ཅི་ཟེར་ཨིན་པས།
ཁོ་གིས་ རྒྱང་མཐོང་ཊི་བི་ལྟ་སྡོད་པའི་སྐབས་ ཁོ་ལུ་ ཚོགས་བརྡ་བཏང་སྟེ་ ཕུད་བཀོག་ཡོདཔ་ལས་ གཡུས་ཁར་འགྱོ་སྡོད་པ་ཅིན་དྲག་ནི་མས་ཟེར་ སྤ་རོ་ལས་ སེམས་ཐག་བཅད་དེ་ ཐིམ་ཕུ་ལུ་ འོང་ཡི་ཟེར་ཨིན་པས།
ཨ་རྒས་སངས་རྒྱས་ཀྱིས་ ཕད་ཅུང་ཅིག་འབག་སྟེ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཁོ་གི་ཕད་ཅུང་དེ་ནང་ ཡོད་རུང་མེད་རུང་ ཁེན་འཇར་ཕུད་རྡོག་གཉིས་གསུམ་ཅིག་དང་ གཞན་གོ་ལ་དག་པ་ཅིག་ཡོད་ཟེར་ཨིནམ་ད་ ཐ་ན་ མོང་སྒར་ཚུན་ཚོད་འགྱོ་ནི་གི་ སྣུམ་འཁོར་ཟད་འགྲོ་ཚུ་ཡང་ ལངམ་སྦེ་མེདཔ་ཨིན་པས།
མ་གཞི་ ཨ་རྒས་ཁོ་ར་གིས་ སླབ་མིའི་ནང་ གཡུས་ཁར་འགྱོ་སྟེ་སྡོད་པ་ཅིན་ དྲག་ནི་མས་ཟེར་ སླབ་དོ་ཡོདཔ་ཨིན་རུང་ ཨ་རྒས་ཀྱི་གནས་སྟངས་ལུ་ལྟཝ་ད་ སྣུམ་འཁོར་ནང་འཛུལ་ཏེ་ གཡུས་ཁར་ལྷོདཔ་ད་ ག་ཏེ་ལས་འཐོན་ནི་ཨིན་ན་ཡང་ མི་ཤེས་ནི་བཟུམ་ཅིག་ མཐོངམ་ཨིན་པས།
ཁ་ཙ་ མི་མང་སྐྱེལ་འདྲེན་བཱསི་བཞག་སའི་ ས་ཁོངས་ནང་ ཁོ་ར་ བསྐྱལ་བར་འོང་མི་ཆ་རོགས་ བཀྲིས་ཟེར་མི་དེ་ ཁོ་ར་ ཐིམ་ཕུ་ཚོད་བསྲེ་ཁྲོམ་གྱི་ སྦོ་ལོགས་ཁར་སྡོད་དོ་ཡོདཔ་ལས་ བཀྲིས་ཀྱིས་འབད་བ་ཅིན་ ཨ་རྒས་དེ་ མི་མང་སྐྱེལ་འདྲེན་བཱསི་གི་ ཤོག་འཛིན་བཏོག་པར་འོང་ཡོདཔ་ཨིན་རུང་ ཁ་ཙ་ནུབ་གཅིག་ སྡོད་སའི་ས་ཁོངས་མེད་ག་ཟེར་ ཁོ་ལུ་ དྲི་དེས་ཟེར་ཨིན་པས།
དེ་འབདཝ་ལས་ བཀྲིས་ཀྱིས་འབད་བ་ཅིན་ ཨ་རྒས་དེ་ ཁ་ཙ་ནུབ་གཅིག་གི་དོན་ལུ་ ཁོ་གི་ཁྱིམ་ནང་ འཁྱིད་འགྱོ་ནི་ཟེར་ཨིནམ་ད་ དྲོ་པ་སྣུམ་འཁོར་བཱསི་ མ་འགྱོཝ་ཅིག་གི་ཧེ་མར་ བཱསི་ནང་བཙུགས་པར་འོང་ནི་ཟེར་ཨིན་པས།
དེ་འབདཝ་ད་ ཨ་རྒས་དེ་གིས་ ཁོ་ར་འགྱོ་སའི་ ས་གནས་ནང་ལྷོདཔ་ད་ ག་དེ་སྦེ་ འཐོན་འགྱོ་ཚུགས་འོང་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
མོང་སྒར་གྱི་ མི་མང་སྐྱེལ་འདྲེན་བཱསི་གི་ ཤོག་འཛིན་བཏོག་ནི་དེ་ཡང་ ཨ་རྒས་དེ་ མོང་སྒར་ལུ་ འགྱོ་ནི་ངེས་བདེན་ར་ཨིན་པ་ཅིན་ མོ་གིས་ དེད་གཡོགཔ་ཚུ་དང་གཅིག་ཁར་ ཁ་སླབ་སྟེ་ བཏང་གེ་ཟེར་ཨིན་རུང་ ཁོ་ར་ ལོ་ན་རྒས་སོ་ནི་དེ་གིས་ དེ་སྦེ་གཏང་ནི་ཡང་ ལཱ་ཁག་ཡོདཔ་བཟུམ་ཅིག་ མཐོངམ་མས་ཟེར་ཨིན་པས།
མ་གཞི་ དེ་བཟུམ་སྦེ་ ཕམ་རྒན་རྒས་ཚུ་ ཨ་ལུ་གིས་ བདག་འཛིན་མ་འཐབ་པར་ ཁྲོམ་ཁ་ལས་ཕར་ བཤལ་སྡོད་མི་ལེ་ཤ་ཅིག་ཡོད་རུང་ གྱངས་ཁ་དེམ་ཅིག་ཨིན་ཟེར་ ཐོ་བཀོད་འབད་དེ་ མེདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment