གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ངན་ལྷན་བཀག་སྡམ་ལྷན་ཚོགས་ཀྱིས་ ཕྱོགས་གཅིག་སྦེ་ དགོངས་ཕོག་བཏོན་མི་ཆོག་ནི།

༢༠/༧/༢༠༡༣   ཞིབ་དཔྱད་འབད་བའི་སྐབས་ལུ་ སྤྱི་གཡོགཔ་ཚུ་ ཐད་ཀར་དུ་ དུས་ཡུན་ཟླ་ངོ་༡༢ དང་༣ ལས་བརྒལ་ དགོངས་ཕོག་བཏང་མི་ཆོག་ཟེར་ཨིན་པས།
༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་དེ་ སྤྱི་གཡོགཔ་དང་ ཡང་ཅིན་ བཙག་འཐུ་གྲུབ་མི་ འགོ་དཔོན་ཚུ་ ཕྱོགས་གཅིག་དང་ རང་ཤུགས་ཀྱི་སྒོ་ལས་ དགོངས་ཕོག་གཏང་ནིའི་ནང་ འབྲེལ་འཛིན་འབད་ནི་མི་འོང་ཟེར་ མངོན་མཐོ་ཁྲིམས་འདུན་གྱིས་ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ རྒྱལ་པོའི་ཞིང་ས་ཆའི་ རྩོད་དོན་གྱི་ བཀའ་རྒྱ་གནངམ་དང་འབྲེལ་ ལམ་སྟོན་བཀའ་རྒྱ་ཅིག་བཏོན་ཡི།


དགོངས་ཕོག་བཀའ་རྒྱ་འདི་ དབང་ནུས་ལྡན་པའི་ དབང་འཛིན་དང་གཅིག་ཁར་ འབྲེལ་གཏོགས་ཀྱི་སྒོ་ལས་ བཏོན་དགོཔ་མ་གཏོགས་ ངན་ལྷད་བཀག་སྡམ་ལྷན་ཚོགས་ ཕྱོགས་གཅིག་གིས་ བཏང་མི་ཆོག་ནི་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་པོའི་ཞིང་ས་ཆ་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་ནང་ འབྲེལ་གཏོགས་ཡོད་མི་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་བགྲེསཔ་དང་ ནང་སྲིད་བློན་པོ་བགྲེསཔ་གཉིས་ལུ་ སྤྱི་ལོ་༢༠༡༢ ཟླ་༡༡ པའི་ཚེས་༡༥ ལུ་ དགོངས་ཕོག་བཀའ་རྒྱ་བཏོན་མི་དེ་ ཆེ་མཐོ་ཁྲིམས་འདུན་གྱིས་ དགོངས་ཕོག་བཀའ་རྒྱ་ བསྟར་སྤྱོད་འབད་མ་དགོ་པའི་ བཀའ་རྒྱ་གནང་མིའི་ རྒྱབ་འགལ་ལུ་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དེ་ དུས་ཡུན་ཟླཝ་༢ ཀྱི་རྒྱབ་ལས་ ཕྱིར་འབུད་བཏངམ་དང་འབྲེལ་ ལམ་སྟོན་བཀའ་རྒྱ་གནང་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་དོན་དེ་ སྤྱི་ཟླ་༡༡ པའི་ཚེས་༡༣ ལུ་ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ བཙུགས་ཡོདཔ་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༡༩ ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ བཀའ་རྒྱ་བཏོན་མི་དང་འཁྲིལཝ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཚོགས་དཔོན་བགྲེསཔ་དང་ ནང་སྲིད་བློན་པོ་བགྲེསཔ་གཉིས་ལུ་ ཧེ་མའི་འགན་འཁྲི་སྐབས་ཀྱི་ ཉེས་འཛུགས་འབད་མི་དེ་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༡༦༧(༢) པ་དང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་བཅའ་ཁྲིམས་༢༠༠༤ གི་དགོངས་དོན་ཚུ་ནང་  མི་འགབ་དོ་ཡོདཔ་ལས་ འཁྲུན་ཆོད་མ་བཏོན་ཚུན་ཚོད་ དགོངས་ཕོག་བཀའ་རྒྱ་དེ་ སྐབས་ཐོག་མཚམས་འཇོག་འབད་དགོ་པའི་ བཀའ་རྒྱ་ལུ་ གཞི་འཛིན་འབད་ཡོདཔ་ཨིན་པས།
ཁྲིམས་ཀྱི་བཀའ་རྒྱ་དང་འཁྲིལཝ་ད་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་དེ་ སྤྱི་ལོ་༢༠༡༡ ཟླཝ་༢ པའི་ནང་ ཆ་འཇོག་གྲུབ་ཡོད་རུང་ བཅའ་ཁྲིམས་འདི་ གནད་དོན་ག་ཅི་ནང་ཨིན་རུང་ རྒྱབ་ལོག་ཐོག་ བསྟར་སྤྱོད་འབད་ཆོག་ཟེར་ བཀོད་དེ་ཡོད་ན་མ་གཏོགས་ ད་རིས་བཟུམ་མའི་ རྩོད་དོན་གྱི་ཐད་ལུ་ བསྟར་སྤྱོད་འབད་ནི་གི་ འོས་འབབ་མིན་འདུག་ཟེར་ཨིན་པས།
ཨིན་རུང་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱིས་ འདི་བཟུམ་མའི་ བཀའ་རྒྱ་གནང་མི་དེ་གིས་ མ་འོངས་པ་ལུ་ རྩ་ཁྲིམས་ཅན་གྱི་ འགན་ཁུར་འབག་ནི་ལུ་ ཐོ་སྦོམ་སྦེ་ ཕོག་ཉེན་ཡོདཔ་ལས་ ཁྲིམས་ཀྱི་གོ་དོན་འགྲེལ་བཤད་གནང་ནིའི་དོན་ལུ་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིནཔས།
མངོན་མཐོ་ཁྲིམས་འདུན་གྱིས་ འབྲེལ་ཡོད་གཙུག་སྡེའི་ ཁ་ཐུག་ལས་ དེ་འཕྲོ་ལས་ བསྟར་སྤྱོད་འབད་ནིའི་དོན་ལུ་ དོན་ཚན་༡༨ འབད་མི་ ལམ་སྟོན་བཀའ་རྒྱ་བཏོན་ཡོད་མི་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གཞུང་གི་འགོ་འཛིན་གྱི་ དགོངས་ཕོག་བཀའ་རྒྱ་དེ་ འོས་འབབ་བལྟ་སྟེ་ འབད་དགོཔ་མ་གཏོགས་ ངེས་པར་དུ་ བསྟར་སྤྱོད་འབད་དགོཔ་མེད་ཟེར་ བཀའ་རྒྱའི་ནང་ གསལ་བཀོད་འབད་ནུག།
ཨིན་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གཞུང་འབྲེལ་འགོ་དཔོན་ཚུ་ལུ་ ཞིབ་དཔྱད་འབད་བའི་སྐབས་ལུ་ ཕྱོགས་གཅིག་གི་ དབང་ཤུགས་ཐོག་ལས་ དགོངས་ཕོག་བཏང་ཆོག་མི་དེ་ཡང་ ཞིབ་དཔྱད་སྐབས་ མི་ངོ་དེ་ ཡིག་ཚང་ནང་སྡོད་དེ་ ཞིབ་དཔྱད་ལུ་ ཐེ་གཏོགས་སམ་ སྐྱོན་ཞུགས་དང་ སྒྲུབ་བྱེད་ཀྱི་རིགས་ཚུ་ མེདཔ་བཏང་བ་སོགས་ལས་ བཀག་ཐབས་ལུ་ཨིན་ཟེར་བཀོད་ནུག།
དེ་འབདཝ་ད་ ལྷན་ཚོགས་ཀྱིས་ དགོངས་ཕོག་བཏང་བའི་ མི་ངོ་དེ་ལུ་ ཞིབ་དཔྱད་གང་མགྱོགས་འབད་ཞིནམ་ལས་ ཉེས་བཤེར་བཙུགས་དགོ་པ་ཅིན་ དབང་ནུས་ལྡན་པའི་ ཁྲིམས་འདུན་ལུ་ ཉེས་འཛུགས་དང་ ཡང་ཅིན་ ལས་ཁུངས་ཀྱིས་ ཐག་བཅད་དགོ་པ་ཅིན་ ཁག་འགན་ཅན་གྱི་ འགོ་དཔོན་ལུ་ཉེན་བརྡ་ དགོངས་ཕོག་བཏང་སྟེ་ ཟླཝ་༣ གྱི་ནང་འཁོང་ལུ་འབད་དགོ་ཟེར་ཨིནམ་ད་ གལ་སྲིད་ དགོངས་ཕོག་གགི་ གནད་དོན་ཡོད་པའི་ རྩོད་གཞིའི་རིགས་ཚུ་ གཞུང་གི་འགོ་དཔོན་ལུ་ དུས་ཡུན་མཐོ་ཤོས་ ཟླཝ་༡༢ ཀྱི་ནང་འཁོད་དང་ བཙག་འཐུ་གྲུབ་པའི་ སྤྱི་གཡོགཔ་ཚུ་ལུ་ དུས་ཡུན་མཐོ་ཤོས་ ཉིན་གྲངས་༩༠ འི་ནང་འཁོད་ གྲོས་ཐག་བཅད་དགོཔ་ཨིན་པས།
དེ་ལས་ ཉེན་སྐྱོབ་འདྲ་མཉམ་དང་ ཁྲིམས་དང་འཁྲིལ་ཏེ་ ཉེས་སྐྱོན་ཡིན་པར་ མ་གྲུབ་ཚུན་ཚོད་ ཉེས་པ་མེད་པའི་ བརྩི་འཇོག་གི་ ཐོབ་དབང་ཚུ་གི་ རྩོད་རྙོགས་མི་འཐོན་ནིའི་དོན་ལུ་ གཞུང་འབྲེལ་འགོ་དཔོན་ ཡང་ཅིན་ བཙག་འཐུ་གྲུབ་པའི་ སྤྱི་གཡོགཔ་ཚུ་ ཞིབ་དཔྱད་འབད་བའི་སྐབས་ལུ་ ཐད་ཀར་དུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དུས་ཡུན་ཟླ་ངོ་༡༢ དང་༣ ལས་བརྒལ་ དགོངས་ཕོག་བཏང་མི་ཆོག་པའི་ཁར་ དུས་ནམ་ཡང་ རྒྱལ་ཁབ་ཀྱི་ སྤྱི་མཛོད་ལུ་ གཞུང་ལུ་དགོས་མཁོ་ཆེ་བའི་ ཕན་ཁྱད་ཅན་གྱི་ ལཱ་འབད་འབདཝ་མེད་རུང་ དགོངས་ཕོག་བཏང་མི་ མི་ངོ་དེ་ལུ་ འཚོ་འཐུས་སྤྲོད་ནི་མེདཔ་ ངེས་བརྟན་བཟོ་དགོ་ཟེར་ མངོན་མཐོ་ཁྲིམས་འདུན་གྱི་ ལམ་སྟོན་བཀའ་རྒྱ་ནང་བཀོད་ནུག།
ཉེས་འཛུགས་ཕོག་མི་ བློན་པོ་ཨིན་པ་ཅིན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་ཚུ་ ཁྲིམས་ཀྱི་རྒྱབ་མི་སྦེ་ ལག་ལེན་འཐབ་མི་ཆོག་ནི་ཨིནམ་ལས་ སྒེར་སྡེའི་རྒྱབ་མི་བཙུགས་ཐོག་ལས་ རྩོད་གཞི་ཕྱེ་དགོ་ཟེར་ཨིནམ་ད་ ཁྲིམས་འདུན་ལུ་ མི་ངོམ་སྦེ་ བཅར་འདོད་ཡོད་པ་ཅིན་ ཁོ་ར་གིས་ ཟད་འགྲོ་བཏང་སྟེ་ བཅར་དགོཔ་བཞིན་དུ་ སྒེར་གྱི་རྩོད་གཞི་ནང་ རྒྱལ་ཁབས་ཀྱི་ རྒྱུ་དངོས་ཐོག་ལས་ ཟད་འགྲོ་གཏང་མི་ཆོག་ཟེར་བཀོད་ནུག།
རྩོད་བཤེར་མཇུག་བསྡུ་བའི་སྐབས་ སྤྱི་ཚོགས་ཀྱི་ འཐུས་མི་དེ་ལུ་ ཉེས་པ་ཡོད་པའི་ ངོས་འཛིན་བྱུང་སྟེ་ བཙོན་ཁྲིམས་ཕོག་པ་ཅིན་ འབྲེལ་ཡོད་འཐུས་མི་དེ་ རང་བཞིན་གྱིས་ ཕྱིར་དབྱུང་གཏང་དགོ་པའི་ཁར་ བཙག་འཐུའི་བཅའ་ཁྲིམས་༢༠༠༨ ཅན་མའི་དོན་ཚན་༡༧༩ ཀ་པའི་དགོངས་དོན་ལྟར་ རྩ་ཁྲིམས་ཆེན་མོའི་ཁྱབ་འོག་ བཙག་འཐུ་ཅན་གྱི་ གོ་གནས་འཆང་བའི་ འདེམས་ངོ་ཅིག་ ཡང་ཅིན་ འཐུས་མི་ཅིག་ ཉེས་ཅན་གྱི་ གནོད་འགེལ་གང་རུང་ཅིག་ལུ་བརྟེན་ བཙོན་ཁྲིམས་ཕོག་པ་ཅིན་ འཐུས་མི་ཁྱད་ཚད་མི་ལྡན་པར་རྩིས་ཏེ་ བཙག་འཐུ་དོ་འགྲན་ནམ་ ཡང་ཅིན་ བཙག་འཐུ་ཅན་གྱི་ གོ་གནས་ཡང་ འཆང་མི་ཆོག་ཟེར་ བཀའ་རྒྱའི་ནང་བཀོད་ནུག།
ད་རུང་ བཙག་འཐུ་གྲུབ་པའི་ བློན་པོ་ཚུ་ བཙག་འཐུ་མ་གྲུབ་པའི་ ཧེ་མའི་བྱ་སྤྱོད་ལུ་བརྟེན་ གོ་གནས་འཆང་བཞིན་ཡོད་པའི་སྐབས་ དགོངས་ཕོག་བཏང་པ་ཅིན་ མི་མང་གི་ ཕན་བདེ་ལུ་ ཐོ་ཕོག་ཉེན་དང་ གནོད་འཚེ་འབྱུང་སྲིད་ནི་ཨིན་མི་དེ་ཡང་ མི་སེར་གྱིས་ གདམ་འཐུའི་ཐོག་ལས་ ཚོགས་རྒྱན་སྐྱུར་ཏེ་ བཙག་འཐུ་གྲུབ་པའི་ འགོ་འཛིན་ཅིག་ཨིནམ་ལས་ དེ་དང་བསྟུན་པའི་ ཞབས་ཏོག་གི་ ཐོབ་རིམ་ཡོད་རུང་ འགལ་འཛོལ་བྱུང་པའི་སྐབས་ ཁོ་ར་ལུ་ བདག་སྐྱོང་ངམ་ ཉེས་བཤེར་འགོ་བཙུགས་དགོ་པའི་ཁར་ གོང་འཁོད་གང་རུང་ཅིག་ལུ་ ཉེས་འགེལ་རུང་བའི་ དགོས་མཁོའི་བདེན་ཁུངས་ཚུ་ཡང་ ངེས་པར་དུ་བཀལ་དགོ་ཟེར་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ བཀའ་རྒྱ་དང་འཁྲིལཝ་ད་ དགོངས་ཕོག་གནད་དོན་དེ་ བསྐྱར་ཞིབ་འབད་དགོཔ་ གལ་ཆེ་བའི་ཁར་ སྤྱི་ཚོགས་བརྒྱུད་དེ་བཅའ་ཁྲིམས་ ཡང་ཅིན་ འབྲེལ་ཡོད་ལས་སྡེ་བརྒྱུད་དེ་ བཅའ་ཡིག་ཡོངས་རྫོགས་ཀྱི་ ལམ་སྟོན་ཅིག་ཡང་ བརྩམ་དགོཔ་གལ་ཆེ་བས་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment