གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩེད་འགྲན་སྣ་མང་གིས་ ལྟདམོ་བལྟ་ནི་ལུ་ མགུ་འཐོམ་བྱུང་དོ་ཡོདཔ།

༢༣/༧/༢༠༡༣   ༉ ད་རེས་ནངས་པ་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ ལྟདམོ་གཅིག་བ་གཅིག་ སྤྲོ་བ་ཆེ་སུ་སྦེ་སྟོན་དོ་ཡོདཔ་ལས་ སྤྲོ་བ་ཅན་གྱི་ མི་ཚུ་ མདའ་རྩེད་བལྟ་ནི་ཨིན་ན་ ཡང་ན་ ཀིངསི་ཀ་ལབ་ཀྱི་ ཕུཊ་བཱོལ་འགྲན་བསྡུར་བལྟ་ནི་ཨིན་ན་ མ་ཤེས་པར་ མགུ་འཐོམ་བྱུང་དོ་ཡོདཔ་ཨིན་པས།
མདའ་རྩེདཔ་ཅིག་གིས་ གཞུ་བཀང་པའི་བསྒང་།


དེ་ཡང་ མདའ་རྩེད་འགྲན་བསྡུར་བལྟ་ནི་ལུ་ ཉིནམ་རེ་ཆད་མེད་པར་ སྤྲོ་བ་སྦོམ་ལེན་ཏེ་ ལྟདམོ་ལྟ་བར་འོང་མི་ ཡིད་རྗེས་ཀྱིས་སླབ་མིའི་ནང་ ད་རེས་ནངས་པ་ སྤྲོ་བ་ཆེ་ཏོག་ཏོ་གི་རྩེདམོ་ཚུ་ ཐིམ་ཕུ་ལུ་སྦེ་ འགོ་འདྲེན་འཐབ་དོ་ཡོད་མི་གིས་ ཕྱི་རུ་ཉལ་བའི་གཉིད་ལམ་ནང་ཡང་མཐོང་དོ་ཡོདཔ་མ་ཚད་ ཉིན་མ་ ཡིག་ཚང་གི་ལཱ་འབད་རུང་ རྩེད་འགྲན་འབད་མི་ སྡེ་ཚན་༢ ཀྱི་སྣང་བ་ཤར་ཏེ་ སྡོད་དགོཔ་ཐོན་མི་ལུ་བརྟེན་ ཡིག་ཚང་གི་དུས་ཚོད་ཚངམ་ཅིག་ མདའ་རྩེད་ཐང་ནང་ལྷོདཔ་སྦེ་ འོངམ་ཨིན་ཟེར་ཨིན་པས།
རེ་ཚེ་སྐབས་ རྩེད་ཐང་ནང་ལྷོད་པའི་བསྒང་ལས་ རྩེད་འགྲན་མཇུག་བསྡུ་དོ་ཡོདཔ་ལས་ དེ་བསྒང་སེམས་བག་མ་ཆགས་པར་ ལཱ་ཅིག་འབད་རུང་ མ་ཎི་བགྱང་རུང་ ཉལ་རུང་ གཉིད་ལོག་མ་བཏུབ་པར་ སྡོད་དགོཔ་བཞིན་དུ་ དྲོ་པ་ཡིག་ཚང་ནང་ འགྱོ་བའི་ཞོར་ཁ་ཡང་ འབའ་སྐྱོར་ཐང་ནང་སོང་སྟེ་ རྩེད་འགྲན་འབད་སར་ལྟ་ཞིནམ་ལས་རྐྱངམ་གཅིག་ སེམས་བདེ་ཏོག་ཏོ་བྱུངམ་མས་ཟེར་ཨིན་པས།
སྐྱེས་ལོ་༢༧ ལང་མི་ ཡེ་ཤེས་རྡོ་རྗེ་གིས་ འབད་བ་ཅིན་ མདའ་དང་ ཕུཊ་བཱོལ་རྩེད་འགྲན་འབད་མི་༢ ཆ་ར་ནང་ སྤྲོ་བ་བསྐྱེད་དེ་ ལྟདམོ་ལྟ་དགོ་མི་ཅིག་འབདཝ་ལས་ ག་ལྟ་ནི་ཨིན་ན་མ་ཤེསཔ་ ཐལཝ་མས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ལའུ་རི་རྒེད་འོག་ རོལ་སྣང་གཡུས་ཚན་ལས་ སྐྱེས་ལོ་༤༣ འབད་མི་ བདེ་ཆེན་དབང་འདུས་ཀྱིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ལུ་ ཁོ་ར་ དོས་སྐྱེལ་སྣུམ་འཁོར་ཊག་གི་ དེད་གཡོགཔ་ཅིག་འབདཝ་ལས་ སྣུམ་འཁོར་ཊག་ བཏང་པའི་སྐབས་ རྐྱེན་ངན་བྱུང་མི་གིས་ ཟླ་ངོ་༦ ལྷགཔ་ཅིག་ བསམ་གྲུབ་ལྗོངས་མཁར་སྨན་ཁང་དང་ རྒྱ་གར་ གོ་ཧ་ཊི་སྨན་ཁང་ནང་ སྨན་བཅོས་ལེགས་ཤོམ་འབད་མ་ཚུགས་པ་ཅིན་ ད་རེས་ ལྕང་གླིང་མི་ཐང་ནང་ ཀིངསི་ཀ་ལབ་ བལྟ་ནིའི་གོ་སྐབས་ མ་ཐོབ་འོང་ཟེར་ སླབ་ཨིན་པས།
དེ་ཡང་ ཁོ་རའི་ སྤུན་ཆ་གིས་ སེམས་གསོ་ནིའི་དོན་ལུ་ གཡང་འཕེལ་གྱི་མདའ་རྩེད་འགྲན་བསྡུར་ ལྟ་ཞིནམ་ལས་ ཀིངསི་ཀ་ལབ་ ཕུཊ་བཱོལ་ལྟ་བར་ ཁྱིད་ཡོདཔ་བཞིན་དུ་ ཨེན་ཨེམ་བི་ མ་ཆིན་ད་ར་ ཨེཕ་སི་ ནེ་པཱལ་དང་ མོ་ཧཱན་ བ་གཱན་རྒྱ་གར་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་མི་དེ་ སྤྲོ་བ་ཆེ་ཏོག་ཏོ་སྦེ་ ལྟ་ནིའི་གོ་སྐབས་ཐོབ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ སླབ་ཨིན་པས།
ཁ་ཙ་ ལྕང་གླིང་མི་ཐང་གི་ ལྟག་གི་འབའ་སྐྱོ་ནང་ ཊེ་ཤར་བེསི་གིས་ སྐོར་ཐེངས་༡༥ འི་ནང་ སྐུགས་༤ ཆོད་བཏངམ་ལས་ སྐུགས་༦ ཐོབ་ད་ ཚེ་ལྡན་དགྲ་ལྷ་དང་ ནེ་སཱན་ ཊེ་ཡརསི་སྡེ་ཚན་༢ ཀྱིས་ སྐུགས་གཅིག་ཡང་ ཆོད་མ་ཚུགསཔ་ལས་ སྐུགས་༣ འདྲན་འདྲ་ཐོབ་ཅི།
ད་ཚུན་གྱི་བར་ན་ གཡང་འཕེལ་མདའ་རྩེད་འགྲན་བསྡུར་འབད་ནི་འགོ་བཙུགས་ཏེ་ བདུན་ཕྲག་༡ ལང་ཡོདཔ་ད་ དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༦ ལས་འགོ་བཙུགས་ ལིག་སྐོར་ཐེངས་༤༥ རྩེད་འགྲན་འབད་མི་དེ་ སྤྱི་ཟླ་༨ པའི་ཚེས་༡༢ ཚུན་ རྩེད་འགྲན་འབད་ཐོག་ལས་ རྒྱལ་ཁ་འཐོབ་མི་སྡེ་ཚན་༧༢ ཀྱིས་ ནོག་ཨའུཊ་རྩེད་འགྲན་ནང་ གོ་སྐབས་འཐོབ་ནི་ཨིནམ་ལས་ སྤྱི་ཟླ་༨ པའི་ཚེས་༡༣ ལས་༢༠ ཚུན་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment