གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རུང་ དགེ་ལེགས་ཕུག་ལས་ འབྲུག་མི་༡ བཙན་ཁྲིད་འབད་ཡོདཔ།

༢༣/༧/༢༠༡༣   ༉ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ དགེ་ལེགས་ཕུག་གི་ ས་མཚམས་སྒོ་ར་ལས་ ཀི་ལོ་མི་ཊར་༢ དེ་ཅིག་གི་ས་ཁར་ཡོད་མི་ དཱད་ག་རི་ཁྲོམ་ཁ་ལས་ བཙན་ཁྲིད་འབད་མི་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་དེ་ ཁོ་རའི་ ཕམ་དང་སྤུན་ཆ་ཚུ་གིས་ འཚོལ་བའི་བསྒང་ཡོདཔ་ཨིན་པས།


ཉམས་རྒུད་པའི་ནུ་གཅུང་ ནགས་ཚལ་གླིང་འཛིན་འགོ་དཔོན་ཨིན་མི་ ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ རེས་གཟའ་པ་སངས་ལུ་ ཨ་རྟག་ར་ སྒོ་ཕྱེ་དོ་ཡོད་མི་ དཱད་ག་རི་ཁྲོམ་ཁར་ དེ་ཚེ་ ཁོ་གི་ཕོ་རྒནམ་དེ་ དྲོ་པའི་ཆུ་ཚོད་༡༡ དེ་ཅིག་ལུ་ ཉོ་ཚོང་རྐྱབ་པར་ སོང་ཡོད་པའི་སྐོར་ལས་ ཁོ་རའི་ ལྟོ་ཚང་ཅིག་ལུ་ སླབ་ནུག་ཟེར་ཨིན་པས།
ཉིནམ་དེ་ལས་ཚུར་ ཁོ་གི་ཕོ་རྒནམ་དེ་ ལོག་ཁྱིམ་ནང་ མ་ལྷོད་ཟེར་ ཚེ་རིང་དབང་འདུས་ཀྱིས་ སླབ་ཨིན་པས།
ད་ལྟོ་ འཚོལ་མ་ཐོབ་པར་ཡོད་མི་ ཕོ་སྐྱེས་དེ་ སློབ་རིམ་༡༠ པ་ མཐར་འཁྱོལ་བའི་ཤུལ་ལས་ ཁོ་རའི་གཡུས་ འཇིགས་མེད་གླིང་ལུ་ སྡོད་དོ་ཡོདཔ་ཨིན་པས།
ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ ད་ཚུན་གྱི་རིང་ལུ་ ཁོ་གི་ ཕོ་རྒནམ་དང་ ཨ་ཞེམོ་༢ ལུ་ མི་ངན་ཚུ་གིས་ འགྲུལ་འཕྲིན་ཚར་༢ བཏང་ནུག་ཟེར་ཨིནམ་ད་ མི་ངན་ཚུ་གིས་ ས་གནས་ཀྱི་སྐོར་ལས་ ཁ་གསལ་སྦེ་ སླབ་མ་བཏུབ་རུང་ སྲོག་རིན་དངུལ་ཀྲམ་འབུམ་༢༥ མཁོ་འདོད་བཀོད་ནུག་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ད་རེས་ནངས་པ་ ཁྲིམས་སྲུང་འགག་པ་ཚུ་གིས་ མི་བཙན་ཁྲིད་འབད་བའི་ གནད་དོན་ཐོག་ལུ་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢ དང་༢༠༡༣ ལུ་ ད་རེས་ བཙན་ཁྲིད་འབད་མི་ ཉམས་རྒུདཔ་དེ་བརྩིསཝ་ད་ རྒྱ་གར་གྱི་མི་ངན་ཚུ་གིས་ ས་མཚམས་བདའ་སྟེ་ འབྲུག་མི་༦ བཙན་ཁྲིད་འབད་ཡོདཔ་ཨིན་པས།
དགེ་ལེགས་ཕུག་ལུ་ སྡོད་མི་ཚུ་གིས་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ དཱད་ག་རི་ལུ་ བདུན་ཕྲག་ཨ་རྟག་ར་ ཉོ་ཚོང་རྐྱབ་པར་ འགྱོ་དགོ་མི་དེ་ཡང་ ཚོང་གི་རིགས་རྣམས་ཚུ་ ག་ཅི་ར་ཉོ་རུང་ གོང་ཚད་ཁེ་ཏོག་ཏོ་སྦེ་ འཐོབ་ཚུགས་ནི་དེ་གིས་ ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment