གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མེ་རླུང་གེསི་དང་ ས་མར་ཁུའི་ཕབ་ཆག་བསྐྱར་འཛུགས་ཀྱི་ གཞུང་འབྲེལ་སྙན་ཞུ་མེདཔ།

༢༢/༧/༢༠༡༣   ༉ རྒྱ་གར་གྱི་ བརྡ་བརྒྱུད་ཀྱིས་ སྤྱི་ཟླ་༧ པའི་ཚེས་༡ ལས་ ཕྱིར་བཏོན་འབད་མི་ བཞེས་སྒོ་འབད་ནིའི་ མེ་རླུང་གེསི་དང་ ས་མར་ཁུའི་ཕབ་ཆག་དེ་ ཤུལ་མའི་ཟླཝ་ནང་ བསྐྱར་འཛུགས་འབད་ནི་ཨིན་པའི་སྐོར་ གནས་ཚུལ་ཁྱབ་སྤེལ་འབད་ཡོད་རུང་ འབྲུག་གི་ཚོང་འབྲེལ་འགོ་དཔོན་ཚུ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ གཞུང་འབྲེལ་སྙན་ཞུ་ག་ཅི་ཡང་ མ་ཐོབ་ཟེར་ཨིན་པས།


གལ་སྲིད་ ང་བཅས་ལུ་ སྙན་ཞུ་ཐོབ་ཡོད་པ་ཅིན་ བརྡ་བརྒྱུད་ལུ་ སླབ་སླབ་འོང་ཟེར་ ཚོང་འབྲེལ་མདོ་ཆེན་ བསོད་ནམས་དབང་ཕྱུག་གིས་ ཁ་ཙ་ཕྱི་རུ་ བརྒྱུད་འཕྲིན་ཐོག་ལས་ ཀུན་གསལ་ལུ་ སླབ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ བརྡ་བརྒྱུད་ཀྱིས་ དོན་མེད་ཀྱི་ གནས་ཚུལ་བཀོད་དེ་ ལྷག་པར་དུ་ གནད་དོན་སྦོམ་བཟོཝ་མས་ཟེར་ཨིན་པས།
གནས་ཚུལ་ཚུ་དང་འཁྲིལཝ་ད་ རྒྱ་གར་མར་ཁུ་ལས་འཛིན་ལུ་ རྒྱ་གཞུང་གི་ ཕྱི་འབྲེལ་ལྷན་ཁག་གིས་ འབྲུག་གི་བཙག་འཐུ་འགོ་འདྲེན་མ་འཐབ་པའི་ བདུན་ཕྲག་གཉིས་ཀྱི་ཧེ་མར་ ཕབ་ཆག་ཕྱིར་བཏོན་འབད་དགོཔ་སྦེ་ སྙན་ཞུ་འབད་མི་དེ་ཡང་ མར་ཁུ་ལས་འཛིན་ལུ་ ཕབ་ཆག་གི་ མ་དངུལ་ལོག་མི་སྤྲོད་ཟེར་ སླབ་ཡོདཔ་ཨིན་པས།
ཁ་ཙ་ བློན་ཆེན་གྱི་ གདམ་ངོ་སྦེ་ གདམ་འཐུ་གྲུབ་མི་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མི་དེ་ རྒྱ་གར་གྱི་གསར་ཤོག་ ཨི་ཀོ་ནོ་མིག་ཊ་ཡེམསི་ལུ་ བཀོད་མི་དང་འཁྲིལཝ་ད་ ཕབ་ཆག་ཆ་མེད་བཏང་མི་དེ་གིས་ འབྲུག་གི་མི་སེར་ཉམ་ཆུང་ཚུ་ལུ་ ཐོ་ཕོག་དོ་ཡོདཔ་ལས་ རྒྱ་གར་གཞུང་ལུ་ མེ་རླུང་གེསི་གི་ ཕབ་ཆག་འཕྲལ་ར་ བསྐྱར་འཛུགས་འབད་གནང་དགོ་པའི་ ཞུ་བ་འབད་ནུག་ཟེར་ཨིན་པས།
ད་རུང་ རྒྱ་གར་གྱི་ གསར་ཤོག་གཞན་ ཨིན་ཌི་ཡཱན་ཨེགསི་པེ་རེསི་ནང་ བཀོད་པའི་ནང་གསལ་ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ རཱན་ཇཱན་ མ་ཐའི་གིས་ པེ་ཊོ་ལི་ཡམ་ལྷན་ཁག་གི་ འགོ་དཔོན་ཚུ་ལུ་ ཤུལ་མའི་ཟླཝ་ནང་ མེ་རླུང་གེསི་དང་ ས་མར་ཁུ་གཉིས་ཆ་རའི་ ཕབ་ཆག་ལོག་འགོ་བཙུགས་དགོཔ་སྦེ་ སླབ་ནུག་ཟེར་ཨིན་པས།
ཕབ་ཆག་ཆ་མེད་བཏང་མི་ལུ་བརྟེན་ ཉེར་མཁོའི་ཅ་ཆས་དེ་གཉིས་ཀྱི་ གོང་ཚད་གསུམ་ལྟབ་ཡར་ཕར་སོང་ཡོདཔ་ལས་ འབྲུག་དང་ རྒྱ་གར་གྱི་བར་ན་ དངུལ་སྤྲོད་ལེན་གྱི་ཁྱད་པར་ རྒྱ་གར་གྱི་རུ་པི་ས་ཡ་༥༠༠ ལྷགཔ་ཅིག་ འཐོན་ནི་ཨིན་པས།
རྒྱ་གར་གཞུང་གིས་ ཕབ་ཆག་ཆ་མེད་བཏང་མི་ལུ་བརྟེན་ ད་རེས་ནངས་པ་ ཐིམ་ཕུ་ལུ་ མེ་རླུང་གེསི་རྒྱ་རྫི་རེ་ལུ་ དངུལ་ཀྲམ་༡༢༠༠ དེ་ཅིག་དང་ ས་མར་ཁུ་ལི་ཊར་རེ་ལུ་ དངུལ་ཀྲམ་༥༥ ལུ་ ཡར་སེང་སོང་སྟེ་ཡོདཔ་ད་ ཕབ་ཆག་ཡོད་པའི་སྐབས་ ས་མར་ཁུ་ལི་ཊར་རེ་ལུ་ དངུལ་ཀྲམ་༡༦ རེ་གནསཔ་ཨིན་པས།
འབྲུག་གིས་ ཟླཝ་རེ་ལུ་ མེ་རླུང་གེསི་རྒྱ་རྫི་ མེ་ཊིག་ཊཱན་༧༠༠ རེ་དང་ ས་མར་ཁུ་ཀི་ལོ་ལི་ཊར་༡,༢༥༠ རེ་ ནང་འདྲེན་འབད་ནི་གི་ ཐོབ་སྐལ་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment