གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཐུས་མི་སྦེ་བཙག་འཐུ་མ་གྲུབ་རུང་ རྒཔོ་གི་དོན་ལུ་དོ་འགྲན།

༡༩/༧/༢༠༡༣   ༉ དུས་ཅི་ སྤྱི་ཚོགས་༢ པའི་ སྤྱིར་བཏང་བཙག་འཐུའི་ནང་ གཞུང་སྐྱོང་དང་ ལྡོག་ཕྱོགས་༢ ཆ་ར་ནང་ བཙག་འཐུ་གྲུབ་མ་ཚུགས་མི་ སྲིད་དོན་ཚོགས་པའི་འཐུས་མི་ཚུ་གིས་ ད་ལས་ཕར་ ལཱ་དང་ལས་རིམ་ག་ཅི་འབད་ནི་ཨིན་ན་ མནོ་བསམ་བཏང་པའི་བསྒང་ཡོདཔ་ད་ ལ་ལུ་ཅིག་གིས་ ད་ལྟོའི་བར་ན་ཡང་ སེམས་ཐག་བཅད་མ་ཚུགས་པར་ཡོདཔ་ཨིན་པས།


ཨིན་རུང་ ལྷུན་རྩེ་རྫོང་ཁག་ སྒང་ཟུར་- སྨིན་རྗེ་འདེམས་ཁོངས་ཀྱི་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༢༥ ལང་མི་ བློ་བཟང་རྡོ་རྗེ་གིས་འབད་བ་ཅིན་ ཁོ་ར་ གཙུག་ལག་མཐོ་རིམ་གོང་མའི་ཤེས་ཡོན་སྦྱང་པར་ འགྱོ་ནིའི་འཆར་གཞི་ཡོདཔ་ལས་ ལོག་ཤུལ་ལས་ ས་གནས་གཞུང་གི་ རྒཔོ་གི་དོན་ལུ་ དོ་འགྲན་འབད་ནིའི་ རེ་བ་ཡོད་ཟེར་ཨིན་པས།
རྫོང་ཁག་དེ་ནང་ འདེམས་ཁོངས་༢ ཡོདཔ་ད་ དེ་ཡང་ སྒང་ཟུར་- སྨིན་རྗེ་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་རང་གྲོལ་ བཙག་འཐུ་གྲུབ་ཡོདཔ་ད་ སྨན་སྦིས་- བཙན་མཁར་འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡེ་ཤེས་རྡོ་རྗེ་ བཙག་འཐུ་གྲུབ་ཡོདཔ་ལས་ གཞན་མི་ དོ་འགྲན་འབད་མི་འདེམས་ངོ་༢ ད་ལས་ཕར་ ག་ཅི་འབད་ནི་ཨིན་ན་ སེམས་ཐག་བཅད་པའི་བསྒང་ ཡོདཔ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ བློ་བཟང་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ འདེམས་ཁྲི་དེ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་རང་གྲོལ་ལུ་ ཤོར་ཡོདཔ་ད་ ཁོང་༢ ཀྱི་བར་ན་ ཚོགས་རྒྱན་གྱི་ཁྱད་པར་༦༩༦ ཞུགས་ཡོདཔ་བཞིན་དུ་ བློ་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གིས་ འགྲེམ་ཐོག་ཚོགས་རྒྱན་ མཐོ་ཤོས་འཐོབ་ཚུགས་མི་གིས་ར་ སེམས་དགའ་ཡི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་ ཤེས་ཡོན་ཅན་ཚུ་ཨིནམ་ལས་ ཁོང་གིས་ ཁོ་ལུ་རྒྱབ་སྐྱོར་ཡོད་ལུགས་ལུ་ལྟ་བ་ཅིན་ སེམས་ཕམ་དགོཔ་ཅིག་ མིན་འདུག་ཟེར་ཨིན་པས།
 མ་གཞི་ཁོ་ར་གིས་བཙག་འཐུ་གྲུབ་ཚུགས་པའི་རེ་བ་བསྐྱེད་ཅི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ད་ལས་ཕར་ མི་མང་བདག་སྐྱོང་གི་ གཙུག་ལག་གོང་མའི་ཤེས་ཡོན་སྦྱང་ཐོག་ལས་ མི་སེར་ཚུ་ལུ་ ཕྱག་ཕྱིད་གང་དྲག་ཞུ་ནིའི་ རེ་བ་ཡོདཔ་ལས་ སྤྱི་ལོ་༢༠༡༥ ལུ་ ས་གནས་གཞུང་གི་དོན་ལུ་ དོ་འགྲན་འབད་ནིའི་ རེ་བ་ཡོད་ཟེར་ཨིན་པས།
ཁོ་གིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ རྫོང་ཁ་དང་ རྒྱལ་རབས་ནང་ མཐོ་རིམ་ཤེས་ཡོན་ མཐར་འཁྱོལ་བའི་ཤུལ་ལུ་ འབྲུག་ལྟ་བཤལ་ལས་འཛིན་ནང་ ཞིབ་འཚོལ་འགོ་དཔོན་དང་ མི་སེར་དམངས་གཙོ་ཚོགས་པའི་ རྒྱལ་ཡོངས་ན་གཞོན་འགོ་འདྲེན་པ་སྦེ་ཡང་ ཕྱག་ཞུ་ཡོདཔ་ཨིན་པས།
མི་སེར་ཚུ་གིས་འབད་རུང་ ཁོ་ལུ་ ལྕོགས་གྲུབ་ག་དེ་སྦེ་ཡོད་རུང་ ད་ལྟོ་ ཚོགས་རྒྱན་གྱི་རྒྱབ་སྐྱོར་འབད་མ་ཚུགས་མི་དེ་ ན་གཞོན་ཅིག་འབད་མི་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ མ་འོངས་པའི་ནང་འབད་བ་ཅིན་ འགོ་ཁྲིདཔ་འབད་ཚུགས་པའི་ ལྕོགས་གྲུབ་ཡོད་ཟེར་ཨིན་པས།
སྨན་སྦིས་- བཙན་མཁར་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཚེ་རིང་བསྟན་འཛིན་གྱིས་འབད་བ་ཅིན་ ད་རེས་ནངས་པ་ འབྲུག་ཕུན་སུམ་ཚོགས་པའི་ ཡོངས་ཁྱབ་ཞལ་འཛོམས་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ལས་ ཞལ་འཛོམས་དེ་ མཇུག་བསྡུ་ཞིནམ་ལས་རྐྱངམ་གཅིག་ ཁོ་གིས་ ག་ཅི་འབད་ནི་ཨིན་ནའི་ འཆར་གཞི་ཚུ་ སླབ་ཚུགས་ནི་མས་ཟེར་ཨིན་པས།
འདེམས་ཁྲི་དེ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡེ་ཤེས་རྡོ་རྗེ་ལུ་ཤོར་སོཔ་ད་ དེ་ཡང་ ཁོང་གཉིས་ཀྱི་བར་ན་ ཚོགས་རྒྱན་གྱི་ཁྱད་པར་༣༨༨ དེ་ཅིག་ ཞུགས་ཡོད་མི་ལུ་བརྟེན་ཨིན་པས།
འདེམས་ཁོངས་དེ་ནང་གི་ མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་ཕམ་མི་དེ་ འདེམས་ཁོངས་དེ་ནང་ མི་ངན་ཚུ་གིས་ ཕར་ཚུར་དཀྲོགས་མི་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ ཁོང་གི་འདེམས་ཁོངས་ནང་ལས་ བློན་པོའི་གོ་གནས་ཀྱི་ གོ་སྐབས་ཡོད་མིའི་འཐུས་མི་ཅིག་ བཙག་འཐུ་གྲུབ་ཚུགས་མི་ལུ་བརྟེན་ སེམས་དགའ་ཡི་ཟེར་ སླབ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment