གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་པའི་ ཊེ་བཱལ་ཊེ་ནིསི་ བུཚ་སྡེ་ཚན་ཅིག་ ནངས་པ་ རྒྱ་གར་ལྡི་ལི་ལུ་འགྱོ་ནི།

༡༨/༧/༢༠༡༣   ༉ ད་རེས་ནངས་པ་ འབྲུག་ཊེ་བཱལ་ཊེ་ནིསི་ཚོགས་པའི་ རྩེད་འགྲན་ཁང་ནང་སྦེ་ འབྲིང་རིམ་གནས་ཚད་ཀྱི་ ཊེ་བཱལ་ཊེ་ནིསི་འགྲན་བསྡུར་གྱི་དོན་ལུ་ རྒྱལ་ཡོངས་རྩེད་འགྲན་པ་ བུཚ་སྡེ་ཚན་ཅིག་ སྦྱོང་བརྡར་བྱིན་པའི་ འུར་བྱེལ་འཐབ་པའི་བསྒང་ར་ཡོདཔ་ཨིན་པས།
ན་གཞོན་ཚུ་གིས་ རྒྱལ་ཡོངས་རྩེད་འགྲན་གྱི་དོན་ལུ་ སྦྱོང་བརྡར་འབད་བའི་བསྒང་།


ལུང་ཕྱོགས་སཱག་རྒྱལ་ཁབ་༨ ནང་ འབྲིང་རིམ་གནས་ཚད་ཀྱི་ ཊེ་བཱལ་ཊེ་ནིསི་འགྲན་བསྡུར་ནང་ བཅའ་མར་གཏོགས་ནིའི་གོ་སྐབས་ཀྱི་ དབྱེ་ཞིབ་དོན་ལུ་ ལྷོ་ཨེ་ཤི་ཡཱན་རྒྱལ་ཁབ་ཚུ་གིས་ བཅའ་མར་གཏོགས་མི་དང་ དོ་འགྲན་གྱི་དོན་ལུ་ འབྲུག་པའི་ རྒྱལ་ཡོངས་ཊེ་བཱལ་ཊེ་ནིས་གི་ བུཚ་སྡེ་ཚན་ཅིག་ ནངས་པ་དྲོ་པར་ སྤ་རོ་ལས་སྦེ་ རྒྱ་གར་ནིའུ་ལྡི་ལི་ལུ་ འཕུར་འགྲུལ་འབད་ནི་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ བང་ལ་དེཤ་ལུ་སྦེ་ འགོ་འདྲེན་འཐབ་མི་ ལྷོ་ཨེ་ཤེ་ཡཱན་ ཊེ་བཱལ་ཊེ་ནིསི་འགྲན་བསྡུར་ནང་ རྒྱལ་ཡོངས་རྩེད་འགྲན་འབད་མི་ཚུ་གིས་ འགོ་དང་པ་ ཕམ་ཡོད་རུང་ སྤྱི་ལོ་༢༠༡༢ ལུ་ ཤི་ལོང་ མེ་ག་ལ་ཡ་ལུ་ འགོ་འདྲེན་འཐབ་ད་ རྒྱལ་ཡོངས་རྩེད་འགྲན་འབད་མི་ བཱི་ཤལ་གུ་རུང་དང་ སུ་མིཌ་སུ་བཱ་༢ ཀྱིས་ ཟངས་ཀྱི་རྟགས་མ་ ཐོབ་ཡོདཔ་ཨིན་པས།
ད་རེས་ཀྱི་ རྩེད་འགྲན་ནང་ ཧེ་མ་དང་ཕྱདཔ་ད་ ལེ་ཤ་གིས་ རྩེད་འགྲན་ཤེགས་ཤོམ་སྦེ་ འབད་ཚུགས་ཟེར་ཨིནམ་ད་ དེ་ཡང་ སྤྱི་ལོ་༢༠༡༢ ལུ་ ཕྱི་རྒྱལ་གྱི་རྩེད་འགྲན་འབད་མི་ཚུ་དང་གཅིག་ཁར་ དོ་འགྲན་འབད་ཐངས་དང་ རང་སོའི་རིག་རྩལ་ ཧེ་མའི་ཉམས་མྱོང་ དེ་ལས་ སྤོབས་ཚུ་ལེགས་ཤོམ་སྦེ་ ཐོབ་ཡོད་མི་ལུ་བརྟེན་ཨིན་ཟེར་ བཅའ་མར་གཏོགས་མི་ སྐྱེས་ལོ་༡༨ ལང་མི་ བཱི་ཤལ་གུ་རུང་གིས་ སླབ་ཨིན་པས།
དབྱངས་ཅན་ཕུག་གི་ རྩིས་སློབ་ རཱཇ་པི་ལེསི་གིས་ སླབ་མི་དང་འཁྲིལཝ་ད་ བཅའ་མར་གཏོགས་མི་ སྡེ་ཚན་གྱིས་ དུས་ཅི་ དོ་འགྲན་ལེགས་ཤོམ་འབད་ཚུགས་པའི་ཁར་ སཱག་རྒྱལ་ཁབ་ཀྱི་ འབྲིང་རིམ་གནས་ཚད་ཀྱི་ ཊེ་བཱལ་ཊེ་ནིསི་འགྲན་བསྡུར་ནང་ བཅའ་མར་གཏོགས་ནིའི་གོ་སྐབས་འཐོབ་ནི་ལུ་ ཐེ་ཚོམ་མེད་ཟེར་ཨིན་པས།
འབྲུག་ཊེ་བཱལ་ཊེ་ནིསི་ཚོགས་པའི་ སློབ་སྟོན་པ་ དགྲ་ལྷ་འཕྲིན་ལས་ཀྱིས་ སླབ་མི་དང་འཁྲིལཝ་ད་ སཱག་འབྲིང་རིམ་གནས་ཚད་ཊེ་བཱལ་ཊེ་ནིསི་འགྲན་བསྡུར་གྱི་དོན་ལས་ རྒྱལ་ཡོངས་རྩེད་འགྲན་འབད་མི་ཚུ་ ཕྱི་རུའི་ ཆུ་ཚོད་༣ དེ་ཅིག་ དུས་རྒྱུན་སྦྱོང་བརྡར་འབད་དེ་ ལོ་༢ ལྷགཔ་ཅིག་ སོང་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༢༠ ལས་༢༣ ཚུན་ རྒྱ་གར་ནིའུ་ལྡི་ལི་ལུ་སྦེ་ འགོ་འདྲེན་འཐབ་ནི་ཨིན་མི་ ལྷོ་ཨེ་ཤེ་ཡན་ ཊེ་བཱལ་ཊེ་ནིསི་འགྲན་བསྡུར་ནང་ རྒྱལ་ཡོངས་བུཚ་རྩེད་འགྲན་པ་༦ གིས་ འབྲུག་རྒྱལ་ཁབ་ཀྱི་ངོཚབ་སྦེ་ བཅའ་མར་གཏོགས་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment